青海省第四人民医院团委
19-05-29 11:13 微博认证:青海省第四人民医院团委官方微博

【藏汉双语科普知识】结核病是什么?གང་འདྲ་ཞིག་ལ་འདུས་འདྲིལ་གཅོང་ནད་ཟེར།
འདུས་འདྲིལ་གཅོང་ནད་ནི་འདུས་འདྲིལ་ནར་སྲིན་འགོས་ནས་བསླངས་པའི་དལ་བའི་རང་བཞིན་གྱི་འགོས་ནད་ཅིག་ཡིན། འདུས་འདྲིལ་སྲིན་ནི་མི་ལུས་ཀྱི་ལུས་ཡོངས་ཀྱི་དབང་བོ་སྣ་ཚོགས་སུ་ཞུགས་སྲིད་མོད། འོན་ཀྱང་གཙོ་བོ་གློ་བ་ལ་གནོད་འཚེ་ཐེབས་པས་དེར་གློ་བའི་འདུས་འདྲིལ་ནད་ཟེར། འདུས་འདྲིལ་གཅོང་ནད་ནི་ན་གཞོན་རྣམས་ལ་འབྱུང་སླ་བའི་དལ་བའི་རང་བཞིན་གྱི་འགོས་ནད་ཅིག་ཡིན། ནད་རྟགས་མི་མངོན་པའི་དུས་ནི་གཟའ་འཁོར་བཞི་ནས་བརྒྱད་བར་ཡིན། དེའི་ནང་གི་80%གློ་བའི་ཁུལ་དུ་བྱུང་བ་དང་། གནས་གཞན་དག(སྐེ་རྨེན་དང་ཀླད་སྐྱི། གསུས་སྐྱི། རྒྱུ་མ། པགས་པ། རུས་པ)ཡང་མུ་མཐུད་དུ་རེད་པ་འབྱུང་། མི་དང་མིའི་བར་དུ་དབུགས་ལམ་ཁྱབ་སྤེལ་བྱེད་པ་ནི་ནད་འདི་འགོས་པའི་ཐབས་ལམ་གཙོ་བོ་ཡིན། འགོ་ཁུངས་ནི་འབུ་ཕྲ་འབུད་པར་རེག་པའི་གློ་བའི་འདུས་འདྲིལ་ནད་པར་ཟེར། ཁོར་ཡུག་སྦགས་བཙོག་དང་ཨེ་ཙི་འགོས་ནད་མཆེད་པ་དང་བསྟུན་ནས་འདུས་འདྲིལ་གཅོང་ནད་བྱུང་ཚད་ཇེ་ཆེར་གྱུར། ནད་པ་ཉུང་ཤས་ཤིག་ལ་གློ་བུར་དུ་བྱུང་བ་ལས་གཞན་ནད་ཐོག་ཏུ་དལ་བའི་རང་བཞིན་གྱི་གོ་རིམ་མངོན་གྱི་ཡོད། རྒྱུན་དུ་ཚ་བ་དམའ་བ་དང་ཤུགས་ཞན་པ་སོགས་ལུས་ཡོངས་ཀྱི་ནད་རྟགས་དང་གློ་ལུ་བ། ཁྲག་ལུ་བ་སོགས་འབྱིན་རྔུབ་མ་ལག་གི་མངོན་ཚུལ་ཡོད།
结核病是由结核杆菌感染引起的慢性传染病。结核菌可能侵入人体全身各种器官,但主要侵犯肺脏,称为肺结核病。结核病是青年人容易发生的一种慢性和缓发的传染病。潜伏期4~8周。其中80%发生在肺部,其他部位(颈淋巴、脑膜、腹膜、肠、皮肤、骨骼)也可继发感染。人与人之间呼吸道传播是本病传染的主要方式。传染源是接触排菌的肺结核患者。随着环境污染和艾滋病的传播,结核病发病率越发强烈。除少数发病急促外,临床上多呈慢性过程。常有低热、乏力等全身症状和咳嗽、咯血等呼吸系统表现。