ཁྱེད་འདས་རྗེས། ཁྱེད་ཀྱི་ཡི་གེ་དག་གནམ་གྱི་ལྷུམ་ནས་ཐོན་ཏེ། བོད་གཞོན་དག་གིས་མགོ་བའི་གཏིང་དང་བྲང་ཁའི་གཞུང་དུ་རྒྱུན་པར་རྒྱུག་ངེས་ལ། མགྲིན་པའི་སྒོ་ཁ་ནས་གྱེས་ཏེ་ཏི་སའི་རི་ཚོགས་ཀྱི་རྣ་དབང་ལ་བརྒྱུད་སྲིད། ཁྱེད་འདས་རྗེས། ཁྱེད་ཀྱི་ཡི་གེ་དག་ཚོམ་བུ་དང་ཚོམ་བུ་བོད་ཤོག་མཐུག་པོའི་ངོས་སུ་འགྲིལ་ལོག་རྒྱག་ཅིང་། ཚོམ་བུ་དང་ཚོམ་བུ་གློག་གི་སྐུད་པར་བརྒྱུད་དེ་དྲྭ་བའི་རྒྱ་ཁྱོན་ཡོན་པོར་དལ་གྱིས་བསྐྱོད་སྲིད། ཁྱེད་འདས་རྗེས། ཁྱེད་ཀྱི་ཡི་གེ་དག་རྟག་པ་མ་ཡིན་པའི་རྟག་པར་འགྱུར་ཅིང་གཏན་དུ་ནམ་མཁའི་ལྷུམ་དུ་ལོག་མི་སྲིད། ཁྱེད་འདས་རྗེས།
发布于 西藏
