完秀巴 22-11-08 12:09

བཙན་པོ་ནོ་མོ་ཧན་འཇམ་དཔལ་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི༼འཛམ་གླིང་རྒྱས་བཤད༽ཀྱི་ནང་དུ་བཀོད་པའི༼ཕེ་རང་པའི་གོ་ལའི་ཁ་བྱང༽ཞེས་པ་འདི་ཡིན། འདིའི་མཛད་པ་པོ་ནི་དབྱི་ཐ་ལེའི་ཡེ་ཤུའི་ཆོས་སྤེལ་པ་ཨ་ལི་ནེ༼Julius Aleni 1582—1649༽ཡིན་ལ། དུས་རབས་བཅུ་བདུན་པར་རྒྱ་ནག་ལ་ཕེབས་ནས་འཛམ་གླིང་གི་ས་རྒྱུས་དང་ས་ཁམས་ལོ་རྒྱུས་འགྲེལ་མཛད་ཀྱི་མཁན་པོ་ལྟ་བུ་ཞིག་ཡིན། གོ་ལའི་ཁ་བྱང་སྟེ༼职方外纪༽ནི་ཀྲུང་གོའི་མཱེན་རྒྱལ་རབས་དུས་སུ་རྒྱ་ཡིག་ལ་འགྱུར་བ་ཞིག་ཡིན། རྒྱ་འགྱུར་ཡང་སྔ་ཤོས་ཀྱི་གྲས་ཡིན། ཕལ་ཆེར་བཙན་པོ་ནོ་མོ་ཧན་གྱིས་པེ་ཅིང་གི་ཚོ་བདུན་ལྷ་ཁང་སྔོན་མོ་ནས༼ཕེ་རང་པའི་གོ་ལའི་ཁ་བྱང༽འདི་གཟིགས་མྱོང་ཡོད། དེའི་སྟབས་ཀྱིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་ཐུགས་མ་མཐུན་དོན་དེ་ཡིན་ལགས། བཙན་པོ་ནོ་མོ་ཧན་གྱི་པཎ་ཆེན་ལ་འཕྲིན་ཡིག་ཁ་ཤས་བྲིས་ཡོད། དེ་ནི་ཆབ་མདོ་རི་བོ་ཆེ་ན་བཞུགས་ཡོད། ནང་དོན་ནི་པཎ་ཆེན་ལ་འཛམ་གླིང་སྤྱིའི་ས་ཁམས་སྐོར་གྱི་གནས་ཚུལ་ནི་རང་རེའི་དུས་འཁོར་དང་མངོན་པ་མཛོད་དང་ཅུང་ཟད་མཐུན་གྱི་མེད་ཚུལ་གསུངས་པ་དེ་རེད། དགེ་ཆོས་ཀྱི༼ཚན་རིག་གི་སྙན་ཞུ༽ཡི་ནང་དུའང་དོགས་སྡེ་ལ་ལྕགས་ཀྱི་སྦུ་གུ་བརྒྱུས་ཀྱང་ལྷ་སའི་ས་བཅུད་ལ་མི་གནོད་སོགས་གསུངས་པ་དང་འཕྲིན་ཡིག་དེ་དག་དགོངས་པ་མཐུན་གྱི་ཡོད། ཡེ་ཤུའི་ཆོས་སྤེལ་པ་ཨ་ལི་ནེ་ལ་གསུང་རྩོམ་གཞན་ཡང་ཡོད། དེ་དག་རྒྱ་ཡིག་ལ་འགྱུར་ནས་ཕྱོགས་སྡོམ་གྱིས་སྤར་སྐྲུན་གནང་ཡོད། ཕལ་ཆེ་བ་ས་ཁམས་རིག་པ་དང་སྐར་རྩིས་སྐོར་གྱི་ཕྱག་དཔེ་རེད། དེའི་ཞིབ་ཆ་གུས་པའི་རྩོམ་ཐུང༼གོ་ལའི་ཁ་བྱང་གི་བརྗེད་ཐོ༽ན་བྲིས་ཡོད། — བན་ཤུལ་དཔལ་མཁར་རྒྱལ་གྱིས། 明未的意大利传教士艾儒略(Julius Aleni, 1582~1649)的《职方外纪》之考/ 完秀·华科加

发布于 西藏