ལག་བཟང་ཚང་ནས་སྐྱེས་སུ་བསྐུར་བ་འབྱོར།
ཞིབ་ཚགས་ཆེ་བར་འདུག སྤུས་ཀའང་ལེགས། ཇུས་འགོད་ཀྱི་ཆ་ནས་ཕུ་རུང་ཇེ་ཕྲ་ཇེ་ཐུང་ལ་བཏང་བས། སྟབས་ཇེ་བདེར་སོང་འདུག་ལ། གོང་བར་སྒྲོག་གུ་ཞིག་འདུག་པས། རུམ་ཁ་རང་བཞིན་གྱིས་བསུམ་ཐུབ། ད་དུང་གོང་བའི་ཁར་ནང་གོང་དཀར་པོ་ཞིག་ལྷག་མ་བཟོས་འདུག་པས། ནང་ལྭ་ཞིག་ཀྱང་ཡོད་པའི་སྣང་བ་སྟེར་བར་མ་ཟད། རིམ་པ་ཅན་གྱི་ཉམས་ཡང་སྟེར། གལ་སྲིད་རུམ་གྱི་ནང་ངོས་སུ་ཁ་པར་བཞག་ཆོག་སའི་ཁུག་མ་ཞིག་ཀྱང་ཡོད་ན། ཤིན་ཏུ་སྟབས་བདེ་སྣང་ཤར། སྐྱེས་སུ་བསྩལ་བས་ཀྱང་ཡིན་ལས་ཆེ་སྟེ། ལག་བཟང་ཚང་ནས་བག་ཆགས་ཡག་པོ་བཞག་སོང[doge][照相机] མདོར་ན་སྲོལ་རྒྱུན་བོད་ལྭ་ཡུལ་དུས་ལ་བསྟུན་ཕྱོགས་ཐད་ཇུས་འགོད་པ་དང་ཞིབ་འཇུག་པ་དང་ཚོང་པ་དག་ནས་ད་དུང་མུ་མཐུད་བསམ་གཞིག་ཞིབ་འཇུག་བྱེད་དགོས་པར་འདུག #བོད་ལྭ##拉克松##藏装##藏服# http://t.cn/R34ZtK1
发布于 北京
