བོད་ཀྱི་བཤད་གྲྭ་ཐོག་མ་གསང་ཕུ་ནེའུ་ཐོག་ཆོས་གྲྭ་ཆེན་མོ། 桑普寺ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལུང་བསྟན་ལྟར་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཀྱིས་༡༠༧༣ལོར་བཏབ་ཅིང་ཕྱིས་རྔོ་བློ་ལྡན་ཤེས་བར་ཀྱིས་དབུ་ཚད་ཕར་གསུམ་སོགས་མཚན་ཉིད་རིག་པའི་ལམ་ནས་དྲངས་པའི་འཆད་ཉན་གྱི་སྲོལ་ཐོག་མ་བཙུགས་ནས་སློབ་མ་ཡང་ཁྲི་གཉིས་ཙམ་འདུས་པའི་འཆད་ཉན་གྱི་སྲོལ་རྒྱ་ཆེར་དར་བར་བྱས་ནས་བོད་གངས་རིའི་ལྗོས་སུ་དབུ་ཚད་ཕར་གསུམ་གྱི་འཆད་ཉན་གྱི་སྲོལ་ད་ལྟ་བར་ཁྲིད་རྒྱུན་ཟམ་མ་ཆད་པར་བྱུང་བ་ཡིན། ཕྱྭ་པ་ཆོས་སེང་། ཀརྨ་པ་དུས་གསུམ་མཁྱེན་པ། ཀློང་ཆེན་པ། རྗེ་རིན་པོ་ཆེ། ཕག་གྲུ་རྡོ་རྗེ་རྒྱལ་པོ་སོགས་བོད་ལ་མཚན་སྙན་སྐྱེས་ཆེན་དམ་པ་རྣམས་ཀྱིས་སློབ་གཉེར་བྱེད་ས་ཡིན། http://t.cn/A6GNZbby
发布于 西藏
