完秀巴
23-11-15 21:52

བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་རྒན་དགའ་བའི་རྡོ་རྗེ་ལགས་ཀྱིས་༼དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལོ་རྒྱུས་སྐོར་གྱི་ཤེས་བྱ་འགའ་ཞིག༽ཅེས་པའི་བརྗོད་གཞིའི་སྟེང་ནས་རིག་གཞུང་འཆད་ཁྲིད་གནང་འཆར་རེད། དངུལ་ཆུ་ནི་ནུབ་ཕྱོགས་ཚན་རིག་པ་རྣམས་ཀྱིས་འདུལ་སྦྱོང་དཀའ་བའི་ཚད་དུ་བཞག་ཡོད། གྲུབ་ཆེན་ཨུ་རྒྱན་རིན་ཆེན་དཔལ་གྱིས་མཛད་པའི་དངུལ་ཆུའི་བསྟན་བཅོས་དང་དེའི་ལག་ལེན་ནས་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་ལ་ཐུག་པའི་བར་དུ་དངུལ་ཆུ་བཙོ་སྦྱང་གི་ལོ་རྒྱུས་ནི་བོད་ཀྱི་ཚན་རིག་ལག་ལེན་གྱི་གསང་བའི་གནད་ཅིག་ཏུ་བརྩིས་ཆོག་སྙམ། རྔུལ་ཆུ་བཙོ་སྦྱང་གི་རིག་པ་འདི་ནི་ང་ཚོས་འཛམ་གླིང་ལ་ངོམ་ཆོག་པའི་ལོ་རྒྱུས་ཀྱི་བདེན་པ་ཞིག་ཡིན། དེའི་ཕྱིར་ན། འཆད་ཁྲིད་འདི་ལ་ཀུན་གྱིས་གསན་བཞེས་གནང་རོགས་ཞུ། — བན་ཤུལ་དཔལ་མཁར་རྒྱལ་གྱིས།

发布于 西藏