寂静1376
24-01-31 11:07

༄༅། །བདེན་ཚིག་འགྲུབ་པའི་སྨོན་ལམ་ཐར་པར་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །
མཆོག་གསུམ་རྩ་བ་གསུམ་གྱི་ངོ་བོར་གྱུར་པ་བླ་མ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚོགས་ལ་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། སྨོན་ལམ་བཏབ་པ་འདི་རྣམས་འགྲུབ་པར་མཛད་དུ་གསོལ། མི་ངའི་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་ཕ་མ་སེམས་ཅན་ཐམས་ཅད་ལ་བསམ་པ་ངན་པ་སྤུ་ཙམ་ཡང་སྐྱེ་བར་མ་གྱུར་ཅིག བསམ་སྦྱོར་བཟང་པོ་ཆུ་རྒྱུན་བཞིན་དུ་རྒྱུན་མི་ཆད་པར་གྱུར་ཅིགཟ་འདོད་ཀྱི་ཚོགས་འཁོར་མ་ཡིན་པར་རྡོ་རྗེ་ཐེག་པའི་ལམ་རྣམ་པར་དག་པའི་ཚོགས་འཁོར་ལ་ལོངས་སྤྱོད་དུས་མ་གཏོགས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཤ་ཁྲག་བཟའ་བ་དང་འཐུང་བ་དང་འབག་པ་ལ་སོགས་ཅུང་ཟད་ཀྱང་མི་བྱེད་པར་ཤོག་ཅིག དམ་བཅའ་འདི་དག་དུས་ད་ལྟ་བཞིན་དུ་དྲན་པར་གྱུར་ཅིག ལྡན་པ་དང་གྲོལ་བའི་ཡོན་ཏན་གཉིས་དང་མི་ལྡན་བཞིན་དུ་དཀོར་ཟས་ལན་ཆགས་ལ་ཏིལ་འབྲུ་ཙམ་ཡང་མི་འབག་པར་ཤོག་ཅིག སེམས་ཅན་གཅིག་གི་དོན་དུའང་རང་རང་གི་སྒོ་གསུམ་པོ་གཏོང་བ་ལ་ཐོགས་པ་ཅུང་ཟད་ཙམ་ཡང་མི་བྱེད་པར་ཤོག་“ཅིག ཆོས་ཉིད་འགྱུར་བ་མེད་པ་དང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་སྟོབས་ཀྱིས་རང་འདོད་དང་བྲལ་བའི་སྨོན་ལམ་འདི་རྣམས་ཡོངས་སུ་འགྲུབ་པར་གྱུར་ཅིག དཀོན་མཆོག་གསུམ་གྱི་བདེན་པས་འགྲུབ་པར་གྱུར་ཅིག བླ་མ་དམ་པ་རྣམས་ཀྱི་བདེན་པས་འགྲུབ་པར་གྱུར་ཅིག བདག་རྡོ་བླ་ཀུན་བཟང་གཞན་ཕན་འཆི་ཁར་བབ་དུས་སུ་སྨོན་ལམ་བཏབ་པ་འདིའི་ཡི་གེ་པ་ནི་ཀློང་གསལ་གྱིས་བགྱིས་པའི་དགེ་བས་འགྲོ་བ་ཡོངས་ལ་ཕན་ཐོགས་པའི་རྒྱུར་ཅིགདགེའོ།། །།༈ ཀུན་བཟང་སྣང་མཐའ་པད་འབྱུང་མན་ཆད་དང༌། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་ཀྱིས། །འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གཞན་འགྲུབ་པར་ཤོག།”

发布于 四川