寂静1376
24-02-06 10:42

༄༅། །བདེན་ཚིག་གྲུབ་པའི་སྨོན་ལམ་བཞུགས།
བདག་གི་སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་འགྲོ་བ་སེམས་ཅན་གྱི་རིགས་སུ་གྱུར་པ་ཐམས་ཅད་ལ་གནོད་ཅིང་འཚེ་བའི་བསམ་སྦྱོར་གཏན་ནས་མི་བྱེད་པ་དང་ཞི་རྒྱས་དབང་དྲག་སོགས་ལས་རབ་འབྱམས་ཀྱི་སྒོ་ནས་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད། ལུས་སྲོག་འབེན་དུ་བཙུགས། ཤ་ཁྲག་གཟན་དུ་བོར། སྒོ་གསུམ་བྲན་དུ་བཀོལ་ནས་མ་དང་བུའི་འདུ་ཤེས་སྐད་ཅིག་ཀྱང་མི་ལྷོད་པར་འགྲོ་བ་མགོན་མེད་ཀྱི་མགོན། སྐྱབས་མེད་ཀྱི་སྐྱབས། མཆོད་སྦྱིན་གྱི་གཏེར། དགོས་འདོད་འབྱུང་བའི་ནོར་བུ། ཕན་དང་བདེ་བའི་འབྱུང་གནས་བདེ་ཞིང་སྐྱིད་པའི་སྤྱི་དཔལ་ཆེན་པོར་གྱུར་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ། སྲིད་པ་གང་ལ་གང་འདུལ་སོགས། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འཕགས་པ་རིགས་གསུམ་མགོན་པོ་དང་དབྱེར་མེད་ཅིང་མཛད་པ་རྨད་དུ་བྱུང་བའི་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་མི་ཆད་པ་ནམ་མཁའ་དང་མཉམ་པར་ཤོག་ཅིག བྱ་བྲལ་རྡོ་བླས་སྨྲས་སོ། །དགེའོ།། །། http://t.cn/R2WxuoH

发布于 四川