བློ་སྦྱོང་ཚིག་རྐང་བརྒྱད་མ་བཞུགས།
修心八颂
མཛད་པ་པོ། དགེ་བཤེས་གླང་རི་ཐང་པ།
朗日塘巴尊者著索达吉堪布译
བདག་ནི་སེམས་ཅན་ཐམས་ཅད་ལ།།
ཡིད་བཞིན་ནོར་བུ་ལས་ལྷག་པའི།།
དོན་མཆོག་སྒྲུབ་པའི་བསམ་པ་ཡིས།།
རྟག་ཏུ་གཅེས་པར་འཛིན་པར་ཤོག།
愿我以胜如意宝,
饶益他众之意乐,
时时刻刻倍珍爱,
轮回一切诸有情。
གང་དུ་སུ་དང་འགྲོགས་པའི་ཚེ།།
བདག་ཉིད་ཀུན་ལས་དམན་ལྟ་ཞིང་།།
གཞན་ལ་བསམ་པ་ཐག་པ་ཡིས།།
མཆོག་ཏུ་གཅེས་པར་འཛིན་པར་ཤོག།
愿我交往何人时,
视已较众皆卑下,
诚心诚意又真挚,
尊重他人献爱心。
སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།།
རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག།
བདག་གཞན་མ་རུངས་བྱེད་པས་ན།།
བཙན་ཐབས་གདོང་ནས་བཟློག་པར་ཤོག།
愿我恒常观自心,
烦恼妄念初生时,
毁坏自己他众故,
立即强行而断除。
རང་བཞིན་ངན་པའི་སེམས་ཅན་ནི།།
སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།།
རིན་ཆེན་གཏེར་དང་འཕྲད་པ་བཞིན།།
རྙེད་པར་དཀའ་བའི་གཅེས་འཛིན་ཤོག།
愿我目睹恶劣众,
造罪遭受剧苦时,
犹如值遇珍宝藏,
以难得心爱惜之。
བདག་ལ་གཞན་གྱིས་ཕྲག་དོག་གིས།།
གཤེ་སྐུར་ལ་སོགས་མི་རིགས་པའི།།
གྱོང་ཁ་རང་གིས་ལེན་པ་དང་།།
རྒྱལ་ཁ་གཞན་ལ་འབུལ་བར་ཤོག།
愿我于诸以嫉妒,
非理诽谤本人者,
亏损失败自取受,
利益胜利奉献他。
གང་ལ་བདག་གིས་ཕན་བཏགས་པའི།།
རེ་བ་ཆེ་བ་གང་ཞིག་གིས།།
ཤིན་ཏུ་མི་རིགས་གནོད་ནའང་།།
བཤེས་གཉེན་དམ་པར་བལྟ་བར་ཤོག།
愿我于昔曾利益,
深切寄以厚望者,
彼纵非理而陷害,
亦视其为善知识。
མདོར་ན་དངོས་དང་བརྒྱུད་པ་ཡིས།།
ཕན་བདེ་མ་རྣམས་ཀུན་ལ་འབུལ།།
མ་ཡིས་གནོད་དང་སྡུག་བསྔལ་ཀུན།།
གསང་བའི་བདག་ལ་ལེན་པར་ཤོག།
愿我直接与间接,
利乐敬献诸慈母,
老母有情诸苦厄,
自己默默而承受。
དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།།
རྟོག་པའི་དྲི་མས་མ་སྦགས་ཤིང་།།
ཆོས་ཀུན་སྒྱུ་མར་ཤེས་པའི་བློས།།
ཞེན་པའི་འཆིང་བ་ལས་གྲོལ་ཤོག།
愿我所行此一切,
不为八法念垢染,
了知诸法皆如幻,
解脱贪执之束缚。
ཅེས་པ་འདི་ནི་སྣང་བ་མཐའ་ཡས་ཀྱི་སྒྱུ་འཕྲུལ་དགེ་བཤེས་གླང་རི་ཐང་པའི་མཛད་པའོ།།སརྦ་མངྒ་ལཾ།དགེའོ།།
此修心八颁乃无量光佛之化身朗日塘巴尊者撰著。萨瓦芒嘎朗
