JampelTselo 24-05-13 17:34

༄།ད་ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཉིན། རྒན་རྒྱ་ཡེ་བཀྲ་བྷོ་ལགས་ན་རེ།
གཅིག། གཅིག་གྱུར་གྱི་ངོས་འཛིན་དང་གཅིག་གྱུར་གྱི་སྐད་ཆ་རེ་ཡོད་ན། ང་ཚོའི་བྲིས་ཀྱི་རིག་གནས་འདི་འཕེལ་རྒྱས་གཏོང་བར་སྟབས་བདེ་ཡིན་པར་སྙམ། དེ་ཕྱོགས་གསུམ་ནས་རགས་ཙམ་གླེང་ན།
༡ ཡིག་གཟུགས་ཀྱི་སྤྱི་ཁོག་ངོས་འཛིན།
རང་རེའི་ཡིག་གཟུགས་ཀྱི་ལུས་དང་ཡན་ལག་ཆ་ཚང་བའི་རྣམ་པ་དེ་གང་རེད་ཟེར་ན། གཅིག་ཏུ་གཟབ་གཤར་ལ་བྱང་ཆ་ཡོད་དགོས་ལ། གཉིས་སུ་ལན་ཝར་ལའང་བྱང་དགོས། དེ་གཉིས་འཛོམས་ན་གཟོད་ཆ་ཚང་བར་འདོད། དེང་དུས་ལན་ཝར་ལ་བདག་པོ་རྒྱག་མཁན་ཆེར་མེད་པའི་ཆ་ནས། ལན་ཝར་ལ་སྦྱངས་པ་ནན་ཆེར་བྱ་བ་ཕུད། ད་ལྟའི་དེ་བ་ནཱ་ག་ར་ཡང་དེའི་ཁོངས་སུ་བཞག་ནས་སྦྱངས་ན་འགྲིག་པར་སྙམ།
༢ ཡིག་གཟུགས་ཀྱི་རྣམ་གྲངས་འདྲེན་ལུགས།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གིས་གཟབ་ཆེན་གཟབ་ཆུང་འབྲུ་ཆེ་ཆུང་། །གཤར་མ་དཀྱུས་ཡིག་དྲུག་ལ་མ་འདུས་མེད་ཅེས་གསུངས་པ་བཞིན། ང་ཚོས་བྲིས་ཀྱི་རྣམ་གྲངས་སོ་སོར་ངོས་འཛིན་གསལ་བོ་དང་། གཅིག་གྱུར་གྱི་ལྟ་སྟངས་ཤིག་ཡོད་ན་འགྲིག།
ས་ཁུལ་གྱི་ཆ་ནས་དབྱེ་བ་འབྱེད་སྟངས་ལ་ཡང་། གཅིག་གྱུར་གྱི་ལྟ་སྟངས་དང་ངོས་འཛིན་གསལ་བོ་ཞིག་ཆགས་ན་འགྲིག། དཔེར་ན་ཨམ་བྲིས་དབུས་བྲིས་ཁམས་བྲིས་སོགས།
༣ སྨྱུག་རིས་༼སྨྱུག་རིམ༽ལ་ཡང་བཤད་ཕྱོགས་གཅིག་གྱུར་བ་ཞིག་ཡོད་ན་འགྲིག།

གཉིས། ལྷ་རིས་པ་དང་བྲིས་པ་གང་ཡིན་རུང་། བརྩམས་ཆོས་མཇུག་གི་སྦྱར་བྱང་འགོད་སྟངས་ལ་གཙིགས་ཆེན་ནན་ཏན་དང་། ཕན་ཚུན་གྱི་ཡོན་ཏན་ལ་དང་དོད་སློབ་སྦྱོང་བྱས་ཏེ། ཁྱད་ཆོས་མཐུན་སྡེབ་ཡོང་བར་བྱ་རྒྱུའང་ཤིན་ཏུ་གལ་ཆེ་བར་འདོད་པ་བཅས་སོ། །

འདི་གུས་ཕྲན་ངའི་རེག་ཟིག་ཙམ་ལགས་པས་ཞིབ་ཏུ་གསན་འདོད་ན་སྦྲེལ་ཐག་འདིའོ། ། 阅读链接:http://t.cn/A6HqW9gC #藏文书法[超话]##全国藏文书法日#[咖啡][鲜花]

发布于 甘肃