《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》ཅེས་པའི་བརྩམས་སྒྲུང་འདི་ནི་ཕྲན་གྱི་གཞོན་པའི་དུས་ཀྱི་འཆར་ཡན་དང་དར་མའི་དུས་ཀྱི་བསམ་གཞིགས་གཉིས་ཕྱོགས་གཅིག་ཏུ་བསྡེབས་པའི་སྒྱུ་འཕྲུལ་གྱི་འཇིག་རྟེན་ཞིག་ཡིན་ལ། ཡུལ་དུས་ཀྱི་སྒྲིག་གཞི་རྣམ་པར་འཐོར་བའི་གནས་དེར་མངོན་སུམ་དང་རྨི་ལམ། རྟོག་བཟོ་བཅས་ཕན་ཚུན་ངོ་བོ་དབྱེར་མེད་དུ་འདྲེས་ཡོད་པས་དེ་ལས་དཔེ་ཀློག་གི་སྐྱིད་སྣང་ཞིག་མྱང་ཐུབ་ཀི་འདུག་ཅེས་ཟེར་མཁན་གྱི་ཀློག་མཁན་མང་པོ་བྱུང་། འོན་ཀྱང་2020ལོའི་ལོ་མགོར་སྒྲུང་དེབ་དེ་སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་ནས་ཚར་ལྔ་སྟོང་དཔར་ཏེ་བཀྲམས་རྗེས་ཟླ་བ་གསུམ་ཙམ་གྱི་རིང་བཙོངས་ཚར་བར་གྱུར། དེའི་རྗེས་སུ་དེབ་དེ་གང་ནས་རག་ཐུབ་པའི་སྐོར་ནས་དྲི་བ་འདོན་མཁན་ཡང་མང་དག་ཅིག་བྱུང་། ཀློག་མཁན་དེ་དག་གི་དགོས་མཁོ་བསྐང་བ་དང་པར་ཐེངས་དང་པོའི་ནང་ཡི་གེ་གཏག་ནོར་དང་རྗོད་པ་མི་བདེ་བ་ཁ་ཤས་བྱུང་བ་སོགས་བཅོས་ཏེ་ལྟོས་བཅས་ཀྱིས་དེབ་དེའི་པར་གཞི་ཡག་ཤོས་ཤིག་ཀུན་གྱི་སྤྱན་སྔར་བསྟར་ཕྱིར་སྐད་འཕྲིན་གྱི་འཕྲིན་སྟེགསdeydrolཞེས་པར་《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》ཅེས་པའི་སྒྲུང་རིང་དེ་མུ་འགོད་བྱ་རྒྱུ་ཡིན་པས་ཁྱེད་ཅག་ཀློག་མཁན་དག་གིས་དགོངས་ཚུལ་གསར་པ་ཇི་སྙེད་ཅིག་འདོན་པའི་རེ་བའང་སྙིང་ནས་ཞུས་པ་ཡིན། http://t.cn/A68HyYVn
