加洋昂秀 24-11-08 14:05
微博认证:高级摄影师 电影博主

2024 圣地之行
གྲ་ནང་རྫོང་། 扎囊县
གྲ་ཐང་དགོན། 扎塘寺
ཤིང་གྲ་མ་སྐྱེས་པའི་གྲ་དང་། ཐང་ལ་འཁོད་པས་ཐང་ཞེས་པ་ལས་གྲ་ཐང་ཞེས་པའི་མཚན་དེ་ལྟར་བྱུང་བར་གྲགས། དགོན་འདི་གཏེར་སྟོན་བརྒྱ་རྩའི་གྲས་ཀྱི་ནང་ཚན་གྲྭ་པ་མངོན་ཤེས་ཀྱིས་སྤྱི་ལོ་༡༠༨༡ལོར་རྨང་གཏིངས། དབུ་རྩེ་ལུགས་གསུམ་བསམ་ཡས་དང་འདྲ་ལ། དེ་འབྲེལ་གྱི་སྐུ་ཁྱད་འཕགས་བཞུགས་པ་ལས་ཇུན་གར་དམག་དུས་གསུངས་འབྱོན་པའི་རྡོ་རྗེ་འཆང་གི་སྐུ་བརྙན་ཨ་ཚ་མ་ཞེས་པ་སོགས་བཞུགས། དགོན་འདི་ཐོག་མར་རྙིང་དགོན་ཡིན། རྒྱལ་མཆོག་ལྔ་བས་མཚམ་དོན་གྲུབ་རྡོ་རྗེ་ཞེས་གསོལ་བའི་དགོན་དེའི་མཁན་པོ་ཀུན་དགའ་མཁྱེན་རྩེ་ཕུན་ཚོགས་ཀྱི་དུས་སུ་ས་ལུགས་ཕྱག་བཞེས་གནང་བའོ།

#2024 圣地之行##微博旅行家# ​​​

发布于 西藏