དོ་ནུབ་ཕྲན་གྱིས་བསྒྱུར་ཅིང་མཆན་བཏབ་པའི་དེབ་གསར་ཐད་ནས་བགྲོ་གླེང་བསྡུས་པ་ཞིག་བྱས། སྤྱིར་ན་ང་རང་ཞུགས་ཡོད་སའི་ལས་གཞིའི་ནང་ཁུལ་བགྲོ་གླེང་རེད་མོད། ཞིབ་འཇུག་སློབ་མ་སྐོར་ཅིག་དང་ངོ་ཤེས་སྐོར་ཞིག་ལའང་བརྡ་བརྒྱབ་པ་ཡིན། བགྲོ་གླེང་གྲོལ་རྗེས། གྲོགས་པོ་དགེ་རྒན་ཞིག་གིས་སྐད་འཕྲིན་ནང་། མི་ཉག་ཅེས་པའི་དོན་ནི་གནམ་སྲས་ཡིན་པའི་འགྲེལ་ཚུལ་དེ་ཏག་ཏག་ཡིན་ས་རེད། ཁོའི་ངོ་ཤེས་སི་ཁྲོན་ལྱང་ཧྲན་གྱི་བོད་མི་ཞིག་ཡོད་པ་དེས་ཁོ་ཚོས་སོ་སོའི་མི་རིགས་ལ་གནམ་སྲས་ཟེར་བ་ཡིན་ཟེར། དེས་ན་བོད་ཀྱི་མཐའ་མཚམས་མི་རིགས་རེ་ཟུང་གིས་སོ་སོ་ལ་གནམ་སྲས་ཟེར་བ་འདྲ། ཟེར། ཞིབ་འཇུག་སློབ་མ་ཞིག་ནས་རྒྱུ་ཆ་འདི་དག་ཇི་འདྲ་ཞེས་ཞང་ཞུང་སྐོར་གྱི་བརྡ་ཆད་སྐོར་ཅིག་རེའུ་མིག་དང་བཅས་པ་བྱས་ནས་ཚུར་བསྐུར་བྱུང་། ཡང་ཞིབ་འཇུག་པ་རྒན་པ་ཞིག་གིས། དེབ་ནང་གི་ཏིག་ཅེས་པའི་སྐོར་དེ་ཁོ་བོ་ལ་ཤིན་ཏུ་མཁོ་གལ་ཆེ། མདོ་སྨད་ཀྱི་དན་ཏིག་ཡང་ཏིག་སོགས་ཏིག་མིང་ཅན་གྱི་ས་ཆ་རེ་འགའ་ཡོད་མོད། ཇི་ལྟར་ཐོགས་དོན་བཤད་དཀའ། དེས་ཕན་ཐོགས་ཀྱི་འདུག་ཟེར། གོང་གསལ་ཆ་འཕྲིན་འདི་དག་ངས་ནི་ཤེས་ཀྱི་མེད། དེས་ན་གཞན་ལ་མཉམ་སྤྱོད་བྱས་པའི་ཕན་འབྲས་གཙོ་བོ་གཅིག་ནི་འབྲེལ་ཡོད་ཆ་འཕྲིན་གསར་པ་ཐོས་ཐུབ་པ་འདི་ཡིན་ས་རེད🤓🤓[可乐]#敦煌文献##ཏུན་ཧོང##རྩོམ་རིག#
