དེ་རིང་སྟེ་སྤྱི་ལོ་༢༠༢༥ལོའི་བོད་ཟླ་དང་པོའི་ཚེས་པ་བཅོ་ལྔའི་ཉིན་སངས་རྒྱས་གཡུང་དྲུང་བོན་གྱི་གྲུབ་མཐའི་སྲོལ་འབྱེད་ཆེན་མོ་ཡང་དག་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་སྐུ་ཡི་འཁྲུངས་ཚེས་དང་འབྲེལ། རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཉིད་ཀྱི་གདན་ས་གཙང་བཀྲ་ཤིས་སྨན་རིའི་གླིང་དུ་མཁའ་ཡགས་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་ལགས་བླ་མ་ཁྲི་བཞེངས་མཛད་པར་སེམས་གཏིང་ནས་དགའ་སྤྲོད་དང་དད་འདུན་ངང་གི་འཕེལ།
དམ་པ་ཁོང་ནི་མདོ་སྨད་བོན་གྱི་འདུས་སྡེ་དཔལ་གཤེན་བསྟན་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་བླ་མ་ནང་ཆེན་བཞི་ཡི་ནང་ཚན་མཁའ་ཡགས་ཚང་གི་བླ་རབས་སུ་སྐྱེ་བ་བླངས་པ་དང་། རིམ་པས་རང་གི་ཨ་ནེ་བསམ་གཏན་བཟང་མོ་དང་། ཨ་ཁུ་འགྱུར་མེད་གཉིས་ཀྱི་གམ་དུ་ཡི་གེ་སྦྱོར་ཀློག་སོགས་འདོན་ཕྱག་ལེན་ལ་སྦྱོང་བར་བགྱིས།
སྤྱི་ལོ་༢༠༠༤་སྟོན་གཞུག་ནས་སྨན་རིའི་དགེ་བཤེས་དཔོན་སློབ་བསྐལ་བཟང་ཤེས་རབ་མཐར་ཕྱིན་རིན་པོ་ཆེའི་སྐུ་མདུན་དུ་གཅར་ཏེ་བོན་མདོ་སྔགས་སེམས་གསུམ་གྱི་གཞུང་ལ་སྦྱོང་བ་ཚུལ་བཞིན་བྱས་མཐར་སྤྱི་ལོ་༢༠༢༡ལོར་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་དགའ་མལ་དགོན་ཆེན་གྱི་དབྱར་ཚོགས་སྨོན་ལམ་ཆེན་མོའི་ཁར་བཀའ་རབས་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པ་བཅས་སོ། །#雍仲苯教[超话]#
