སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ།།
རིག་བཟང་བློ་གསལ་ང་རྒྱལ་མེད་པ་དང་།།
སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན།།
དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།
http://t.cn/R2WxDJw
发布于 青海
