[握手]@慈诚罗珠藏文微博 ཁ་ཙམ་མིན་པར།མཁན་ཆེན་ཁྱེད་ཀྱི་ཕྱག་ལས་ལ་ཡི་རངས་དང་དགའ་གུས་བླ་མེད་འཆོར་མཁན་ཞིག་ཡིན་མོད།བཀོད་སྒྲིག་པ་སུ་ཞིག་གིས་བཀོད་སྒྲིག་གནང་བ་ནི་མི་ཤེས་མོད།ན་ནིང་ད་ལོ་དག་ལ་སྤེལ་བའི་བོད་ཟས་དང་བོད་གོས་ཀྱི་བྱེད་སྒོ་དག་ཏུ།བོད་ཀྱི་དྲ་བའི་སྒང་དུ་ངན་ལས་ཇག་ལས་བྱེད་པའི་གཏེ་བོ་རེ་ཡང་སླེབས་འདུག་པ་མཐོང་པས།སེམས་གཏིང་ནས་མི་སྐྱིད་པ་ཞིག་བྱུང་སོང་།སེམས་མི་སྐྱིད་པ་བྱུང་པ་འདི་“དྲ་དཔོན”དུ་བཏགས་པ་དེ་ཚོའི་ཕུན་ཚོགས་ལ་མ་བཟོད་པ་མིན།བོད་མིའི་སྲོལ་རྒྱུན་གྱི་རིན་ཐང་ལྟ་བར་རྨ་བྱེད་ཅིང་།རྟག་པར་ཕུ་ནུ་ནང་ཁུལ་དུ་འཁྲབ་སྟོན་སྣ་ཚོགས་ཀྱིས་ཇག་ལས་བྱེད་པའི་མི་དག དངོས་ཡོད་འཚོ་བའི་ཁྲོད་ནས་ཀྱང་མང་པོའི་མིག་དཔེ་ལེན་སར་མཐོང་རྒྱུ་ཡོད་པ་དེ་རེད།ཕྱིས་སུ་ཁྱེད་ཀྱི་ཕྱག་ལས་ཀྱི་ཁྲོད་དུ་དྲ་ཇག་དེ་དག་ལ་འགོ་བའི་ནད་བཞིན་གཟབ་པའི་རེ་སྐུལ་ཡང་ཞུས་པ་ལགས། དེ་ལྟར་མ་བྱས་ན།ཆེ་ས་ནས་རང་རེའི་རིན་ཐང་ལྟ་བ་དང་སྲོལ་རྒྱུན་རིག་གནས་ཀྱི་ཉེན་ཁ་ཞིག་ཡིན་པ་དང་།ཆུང་ས་ནས་མཁན་པོ་ཁྱེད་ཀྱི་མཛད་འཕྲིན་རྒྱས་པའི་གེགས་སུ་ཡང་མི་འགྲོ་འམ་སྙམ་པའི་སེམས་ཁྲལ་བྱུང་།[祈祷][咖啡]
发布于 四川
