སྔ་དྲོའི་རིང་འདིར། འབུམ་རམས་པའི་དཔྱད་རྩོམ༼PH.D Thesis༽ཡི་ལུང་དོན་ཞིག་དོན་དུ། བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་རྩོམ་ལས་འཕྲིན་ཡིག་གི་སྐོར་ཡོངས་སུ་རྫོགས་པར་མཇལ་ཞིང་། ལྷག་པར༼ཞང་ཞུང་གི་དགེ་འདུན་པ་རྣམས་ལ་བསྙེན་བཀུར་ཞུ་བའི་ཡི་གེ༽དང༼ཞང་ཞུང་རྒྱལ་པོའི་སྤྱན་སྔར་གསོལ་བ༽གཉིས་ལ་ཞིབ་ཏུ་མཇལ་བས། དེ་ལྟའི་ཚིག་སྦྱོར་ཡོད་པའི་དཔང་རྟགས་སྟོན་ཐུབ་པ་དང་། དམིགས་བསལ་ལ། ལོ་ཙཱ་བ་རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་ཡིག་ཆ་རྒྱས་བསྡུས་གཉིས་ཁུངས་བཙུན་ཞིང་། ཡིད་རྟོན་རུང་པ་ཡིན་པའི་ཚུལ་ལ་ངེས་ཤེས་གསལ་བོ་འདྲོངས་ཐུབ་པ་བྱུང་སོང་། — བན་ཤུལ་པས། 今天为博士论文(PH.D Thesis)论证阅读做笔记《布顿·仁钦珠文集》信集部分时发现《象雄僧众之信》与《象雄王之信》。尤其是此前部分宁玛派教徒及伏藏法师在《大译师·仁钦桑波判教文献》相关信息的编造并不准确。因为布顿·仁钦珠大师在该文献的价值观念作出论证。/ 完秀·华科加
发布于 西藏
