5、
●དྲི་བ།:བླ་མ་ལགས་སྐུ་ཁམས་བཟང་། ང་ལ་དྲི་བ་ཞིག་ཡོད། དགེ་བའི་ལས་ཀྱི་འབྲས་བུ་བདེ་བ་དང་སྡིག་པའི་ལས་ཀྱི་འབྲས་བུ་སྡུག་བསྔལ་འབྱུང་བར་བཤད། འོན་ཀྱང་ད་ལྟའི་སྤྱི་ཚོགས་ཁྲོད་དུ་གནས་ཚུལ་མང་པོ་ཞིག་འདུག་སྟེ། དཔེར་ན་མི་ངན་པ་ཁྲིམས་འོག་ཏུ་མི་ཚུད་པ་དང་། མི་བཟང་པོ་ལ་བདེ་འཇགས་མེད་པར་གྱུར་འདུག་པས། བླ་མ་ཁྱེད་ཀྱིས་གནས་ཚུལ་འདི་དང་ཟུང་དུ་འབྲེལ་ནས། ང་ཚོར་ཚིག་དེ་འགྲེལ་བཤད་ཅིག་གནང་རོགས།
●ལན།:དགེ་སྡིག་ལ་དེ་མ་ཐག་ཏུ་འབྲས་བུ་ཤིག་སྨིན་ཡོང་རྒྱུའི་ངེས་པ་མེད། གོང་མ་ཐའེ་ཤང་གི་ཚོར་བྱུང་ཞེས་པའི་གཞུང་གི་ནང་དུ། མི་ཞིག་གིས་ཉིན་རེར་དགེ་བའི་ལས་གསུམ་བྱ་སྟེ། བཟང་པོའི་གཏམ་སྨྲ། དགེ་བའི་ལས་སྒྲུབ། འཛུམ་པའི་མིག་གིས་གཞན་ལ་བལྟ། འདི་ལྟར་ལོ་གསུམ་ལ་རྒྱུན་འཁྱོངས་བྱས་ན། བསོད་ནམ་རང་ཤུགས་ཀྱིས་འབྱུང་། གལ་ཏེ་ཉིན་རེར་སྡིག་པའི་ལས་གསུམ་བྱས་ན། ལོ་གསུམ་གྱི་རྗེས་སུ་ཆག་སྒོའང་རང་ཤུགས་ཀྱིས་འབྱུང་བར་གསུངས་འདུག འདི་ནི་སྲོལ་རྒྱུན་རིག་གནས་ཀྱི་བཤད་སྟངས་ཤིག་རེད། ནང་བསྟན་ཆོས་ལུགས་ཀྱི་བཤད་སྟངས་ལྟར་ན། ང་ཚོའི་ཚེ་འདི་ནི་རྒྱུ་དང་ཚེ་ཕྱི་མ་ནི་འབྲས་བུ། དམིགས་བསལ་གྱི་དགེ་སྡིག་གི་ལས་དེ། ཚེ་འདིར་འབྲས་བུ་སྨིན་རྒྱུའང་ཡོད་པ་རེད། དཔེར་ན་དཔྱིད་ཀར་ས་བོན་བཏབ་ན། སྟོན་ཁར་གཟོད་འབྲས་བུ་སྨིན་པ་བཞིན་དུ། ཚེ་འདིར་བྱས་པའི་དགེ་སྡིག་གི་ལས་མང་པོ་ཞིག ཚེ་ཕྱི་མར་འབྲས་བུ་སྨིན་ཡོང་བ་ཡིན། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། ཕྱི་མ་གར་འགྲོ་ད་ལྟའི་ལས་ལ་ལྟོས། ཞེས་པ་ལྟར། གལ་ཏེ་རང་གི་སྐྱེ་བ་སྔ་མ་དེ་ཅི་འདྲ་ཡིན་པར་ཤེས་འདོད་ན། ཚེ་འདིའི་རྒྱུ་དང་འབྱོར་བ་སོགས་ཕྱོགས་གང་ཐད་ནས་ལོངས་སུ་སྤྱོད་པའི་འབྲས་བུ་ལས་ཤེས་ཐུབ། སྐྱེ་བ་ཕྱི་མའི་ལས་འབྲས་གང་འདྲ་ཡིན་པར་ཤེས་འདོད་ན། ཚེ་འདིར་ལས་ཅི་ཞིག་བྱེད་ཀྱིན་ཡོད་པ་ལས་ཤེས་ཐུབ། སྐྱེ་བ་འདི་ནི་རྒྱུ་དང་། སྐྱེ་བ་ཕྱི་མ་ནི་འབྲས་བུ་ཡིན། ཡང་ན་སྐྱེ་བ་འདི་ནི་སྐྱེ་བ་སྔ་མའི་འབྲས་བུ་ཡིན། སྐྱེ་བ་འདི་ནི་སྐྱེ་བ་ཕྱི་མའི་རྒྱུ་ཡང་ཡིན། འདི་ལྟ་བུའི་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་གི་ནང་དུ། མི་འགའ་རེས་ཚེ་འདིར་ལས་ངན་པ་བསགས་ནའང་། རྒྱུ་དང་འབྱོར་བ་ཅི་དགོས་ཀྱང་ཡོད། དེ་ནི་ཁོས་སྐྱེ་བ་སྔ་མའི་དགེ་བའི་ལས་ཀྱི་འབྲས་བུ་དེ་ད་ལྟ་མྱོང་བཞིན་པ་ཡིན། ཡིན་ནའང་ཚེ་འདིར་ལས་ངན་པ་བསགས་པའི་འབྲས་བུ་དེ། སྐྱེ་བ་ཕྱི་མའི་སྐབས་སུ་མྱོང་དགོས་པ་རེད། མི་ལ་ལ་ཞིག་གིས། ངས་སྐྱེ་བ་ཕྱི་མ་ག་འདྲ་ཡིན་པ་མི་ཤེས་པས། དགེ་བའི་ལས་བྱེད་རྒྱུ་མིན་ཟེར། འདི་ལྟ་བུའི་བཤད་ཚུལ་དེ་ཧ་ཅང་གུ་དོག་པོའི་བསམ་བློ་ཞིག་རེད། གལ་ཏེ་དེ་ལྟར་ཡིན་ན། རང་ཉིད་ཀྱང་སང་ཉིན་ཡོད་དམ་མེད་པ་མི་ཤེས་པས། སང་ཉིན་གྱི་བྱ་བའང་སྒྲུབ་མི་དགོས་པར་འགྱུར། དེ་བཞིན་དུ་རང་གི་ཚེ་མཇུག་གི་བྱ་བ་རྣམས་ཀྱང་བསྒྲུབ་མི་དགོས་པར་འགྱུར། འོན་ཀྱང་དོན་དངོས་སུ་དེ་འདྲ་ཞིག་མ་ཡིན། སང་ཉིན་གྱི་ཁྱེད་ཡིན་ན་འདྲ། སང་ལོའི་ཁྱེད་ཡིན་ནའང་འདྲ། ཚེ་མཇུག་གམ་ཚེ་ཕྱི་མའི་ཁྱེད་གང་ཡིན་ཡང་། དོན་དངོས་སུ་ཁྱེད་རང་ཉིད་རེད། གཙོ་བོར་ཁྱེད་རང་གིས་རྒྱང་རིང་པོར་བསམ་བློ་གཏོང་མི་གཏོང་གི་ཁྱད་པར་ཙམ་ཞིག་རེད། དེ་བས་དྲི་བ་འདི་ནི། ཧ་ཅང་དོན་སྙིང་ཅན་ཞིག་རེད།
སུའུ་ཀྲིག་སློབ་ཆེན་གྱི་འཆད་འཁྲིད་ལས་བཏུས།
●问:您刚刚有说过,“善有善报,恶有恶报”是自然规律,但现在社会中却有很多坏人逍遥法外,而好人却不得安宁。您能不能结合这个情况给我们再进一步阐释一下因果?
●答:社会上的确有你说的这种现象,因为“善有善报”并不是说我们做了善事,马上就能得到善的报应。《太上感应篇》里面说,如果一个人每天都能做三件善事,包括说善语、行善事、用善的目光看别人,坚持三年,他就能感受到从天而降的福德,相反,倘若一个人每天做三件恶事,持续三年后,就会感受灾祸。当然,这并不完全是佛教的观点。当好人挣扎在生活的泥潭中,而恶人却开着豪车招摇过市,我们不禁要问:善有善报,恶有恶报,难道是骗人的吗?其实“你眼中坏人的‘好报’,可能只是他前世善行的余额。而你今生的善举,正在为未来的你积蓄福报。”春天种下的种子,秋天才会成熟。大多数善恶行不会立即结果,善恶的果报在时间的土壤中悄然生长。“若知前世因,今生受者是;若知后世果,今生作者是。”你今天享受的一切,是过去的你种下的因;你今天的每一个选择,正在塑造未来的你的模样。有人说:“我看不到来世,所以不在乎。”但试问:你也看不到明天的自己,难道今天就不为明天做准备吗?你也看不到晚年的自己,难道现在就不为退休储蓄吗?来世的你,就是时间的延伸版——今天的你。只不过大多数人,视线被局限在眼前这一小片时空里。那个逍遥法外的“坏人”,可能正在透支前世的福报余额;而那个不得安宁的“好人”,可能正在偿还过去的债务,同时为未来积蓄光芒。因果定律不是简单的等价交换,而是跨越时空的能量守恒。你的每一次善念、每一句善语、每一个善行,都在宇宙的账本上留下印记。只是有时需要跨越时间的维度才能看清全貌。你今天选择成为什么样的人,就在创造什么样的未来——不止是明天的未来,更是生生世世的未来。
选自:苏州大学演讲2016 / 11 / 20
