ལག་རྩལ་ལས་རིག་གང་དང་གང་ཡིན་ཡང་ཐོག་མར་དེའི་གཞུང་ལུགས་དང་ལག་ལེན་དེ་གོ་རིམ་དང་བརྒྱུད་རིམ་ལྡན་པར་སྦྱང་དགོས་པ་ཞིག་རེད། དེ་ནས་སྔོན་རབས་པའི་བརྩམས་གྲུབ་པའི་བརྒྱུད་ལྡན་བརྩམས་ཆོས་ལ་རྒྱུས་ལོན། ལག་ལེན་དང་རིག་གཞུང་ལས་བྱུང་བའི་ཉམས་མྱོང་གསུངས་ཟིན་སོགས་ལ་བལྟ་ཀློག་མྱོང་གསུམ་ཁྲོད་ཇི་མ་ཇི་བཞིན་དང་ལད་ཟློས། རང་གི་ཁྱད་ཆོས་ཁ་སྣོན་ཙམ་གྱིས་ཚོད་ལྟའི་བརྩམས་ཆོས་རིམ་པར་སྤེལ་བར་འབད་ཞོར། རང་གི་དགེ་རྒན་དང་ལག་ལེན་མཁས་ཅན་ལ་བསྟན་ནས་བཀའ་འདྲི་གནང་རྒྱུ་དེ་ཧ་ཅང་གལ་ཆེན་རེད།
དེ་ནས། རང་ཉིད་ཀྱིས་སྦྱངས་ཟིན་པའི་གཞུང་ལུགས་དང་ལག་ལེན་ཁྲོད་ཀྱི་དཔྱད་འབྲས་དམིགས་སུ་བཟུང་ནས་རང་ཉིད་ཁོ་ནར་དབང་བའམ་རང་ཉིད་ཀྱི་ཁྱད་ཆོས་འབུར་ཐོན་གྱི་བརྩམས་ཆོས་གསར་བ་རིམ་པར་སྤེལ་བ་དམིགས་སུ་འཛིན་དགོས་པར་སྙམ།
无论是哪种技术,首先都要系统地学习其理论和实践,然后了解前人创作的经典作品,在实践和理论中积累的经验和教训,通过阅读、体验和模仿,逐步创作出原汁原味或稍加创新的作品,同时要向自己的老师和实践专家请教,这一点非常重要,然后,要以自己学到的理论和实践中的研究成果为基础,创作出属于自己或具有自己特色的新作品,这是我们应该追求的目标。(中文内容由智达AI翻译)
