菩提心舍衲子
26-08-03 09:09 微博认证:阿坝藏族羌族自治州达扎寺第七世达扎•尕让托布旦拉西降措

གངས་རི་དཀར་པོའི་བཀྲགས་མདངས་རབ་བཀྲ་བའི།།
གངས་ལྗོངས་ཕྱུག་མོའི་ཞིང་ལ་ཆོལ་གསུམ་དུ།།
བགོས་པའི་མདོ་སྨད་རྟ་ཡི་ཆོལ་ཁ་དེར།།
བདག་གི་ཕ་ཡུལ་མཛོད་གཡང་ཕྱུག་མོ་ཡོད།།
འདི་ན་རང་བྱུང་ཁོར་ཡུག་གཙང་མ་སྟེ།།
རྔུབ་ན་བདེ་སྟེར་མཁའ་དབུགས་དྭངས་མོ་དང་།།
མིག་གི་དཔྱིད་གྱུར་སྣ་བརྒྱའི་མེ་ཏོག་དང་།།
བཏུང་ན་ཞིམ་མངར་ཕན་བྱེད་ཆུ་ཕྲནའང་མང་།།
ཕྱི་ལ་གཡང་ཆགས་ནང་ལ་བཅུད་རྫོགས་པའི།།
ཡུལ་གྲུ་འདི་ནས་སྐྱེས་ཆེན་མང་བོ་འཁྲུངས།།
བྱིན་རླབས་བདུད་རྩིའི་འོ་མཚོ་ཉེར་འཁྱིལ་བའི།།
ཡུལ་འདིའི་ཆོས་རིག་སྲིད་གསུམ་དར་བར་སྨོན།།
གཡས་འཁྱིལ་དུང་གི་དབྱིབས་ལྡན་སྐྱེས་རིའི་འདབས།།
འབྲོག་རུ་ཕྱུག་མོ་མཛེས་པའི་སྤང་ལྗོངས་སུ།།
གཡང་དུ་ཆགས་པའི་ཕ་ཡུལ་འདིའི་འཕེལ་རྒྱས།
།བབས་པ་མེད་ཀྱང་སེམས་ཀྱི་གཤིས་ལ་ཐིམ།།
—ཞེས་བཛྲ་ཚུལ་རྒྱ་མཚོས།

雪峰凝瑞溢祥光,
卫藏多康界大荒。
安多马域分疆处,
沃土佐革是故乡。

山川澄澈尘无扰,
爽气悠悠遍四冈。
遍野繁花添秀色,
清泉汩汩绕村旁。

地饶物厚藏生气,
自古贤才此地扬。
似湖甘露含吉泽,
祈愿法政共绵长。

螺山之下芳原阔,
点点村居落牧场。
桑梓兴衰千般事,
未曾亲至亦难忘。
—戒海 撰
—达扎 译

发布于 四川